
གནས་འདི་ནི་སྔོན་མར་མི་ཉག་རྒྱལ་ཁབ་ཆེན་མོས་སྲོལ་རྒྱུན་ལྟར་དགུན་དུས་ལ་ཕྱུགས་རིགས་འཚོ་ཡུལཡིནཔས། གནས་འདིའི་ཕྱོགས་བཞི་རི་བོས་བསྐོར་ལ། དཀྱིལ་དུ་རོང་སའི་རྩྭ་ཆུ་འཛོམས་པོ་ཡོད་པ། ཁུག་པ་དགུ་དང་དཀྱོག་བཅོ་བརྒྱད་ཅན་གྱི་ཆུ་བོ་ཞིག་ལྷང་ལྷུང་དུ་འབྲོག་ར་ཆེན་མོར་འདིར་འབབ་པས་ས་གཞི་དང་རྟ་ནོར་ལུག་གསུམ་གྱི་བཅུད་དུ་བལྟམས་ཡོད། གནས་འདིའི་ནོར་ལུག་རྣམས་ཤ་ཤེད་རྒྱས་ལ་འོ་ཞོ་ཟམ་མི་ཆད་པར་ཐོན་པས་མི་ཉག་ས་ཆའི་དགུན་དུས་ཀྱི་འབྲོག་ར་ཡིད་དུ་འོང་བ་ཞིག་ཡིན། དགུན་ཁ་ཐོན་ཚེ་མི་ཉག་པ་ཚོས་ནོར་ལུག་འཚོས་ཏེ་འདི་ནས་དགུན་བསྐྱལ་བཞིན་ཡོད། རྒྱུན་པར་ལུང་ཁུག་འདིར་ནོར་ལུག་གིས་ཁེངས་ཤིང་འབྲོག་གླུ་བྲག་ཆར་འཁྱིལ་ལ། རྩེད་འགའི་རྦ་རླབས་གཡོ་བས་འབྲོག་ཁུལ་གྱི་འཚོ་བ་ཉམས་ལེན་བྱ་སའི་གནས་མཆོག་ཡིད་དུ་འོང་བ་ཞིག་ཡིན་ནོ། །