
ཧི་མ་ཡ་ལ་ཡའི་འཕྱི་བ། རིག་གཞུང་གི་མིང་ལ Marmota himalayana ཟེར། མིང་གཞན་ལ་འཕྱི་བ་ཟེར། མདོ་དབུས་མཐོ་སྒང་ན་དམིགས་བསལ་དུ་ཡོད་པའི་འོ་འཐུང་སྲོག་ཆགས་ཆེ་ཤོས་དེ་ཡིན། ལུས་མདོག་ཁམ་སེར་དང་ཐིག་ལེ་ནག་པོ་ཡོད་ལ། ཤ་རྒྱགས་ལ་གཟུགས་དབྱིབས་སྦོམ་ཞིང་རྔ་མ་ཐུང་བ། ནར་སོན་པའི་འཕྱི་བའི་གཟུགས་པོའི་རིང་ཚད་ནི་ལི་སྨི45—67ཙམ་ཡིན་ལ་ས་ཁུང་དུ་སྡོད་ཅིང་ཁྱིམ་རྒྱུད་བཅས་ཡོད། གཟན་རྩྭའི་རིགས་ལ་གཙོ་བོ་རྩི་ཤིང་གི་གཞུང་རྟ་དང་ལོ་མ་ཆུང་ཆུང་དང་། ལྕུག་ཕྲན། སྐབས་སྐབས་ལ་འབུ་སྲིན་ཁ་ཤས་དང་སྲོག་ཆགས་ཆུང་གྲས་དེ་ཟས་སུ་ཟ་བཞིན་ཡོད། འཕྱི་བ་ནི་ས་མཐོའི་ཐོག་གི་སྲུང་སྐྱོབ་བྱ་ཡུལ་གྱི་སྲོག་ཆགས་ཤིག་ཡིན།