ཡུལ་ལྗོངས་ ངོ་སྤྲོད་ ཀྱི་
  • ཧི་མ་ཡ་ལ་ཡའི་འཕྱི་བ།

    ཧི་མ་ཡ་ལ་ཡའི་འཕྱི་བ། རིག་གཞུང་གི་མིང་ལ Marmota himalayana ཟེར། མིང་གཞན་ལ་

  • མེ་ཏོག་གི་རྒྱ་མཚོ།

    མེ་ཏོག་གི་རྒྱ་མཚོ་ནི་མཛེས་ལྗོངས་ས་ཁུལ་ནའདིའི་རྩི་ཤིང་དང་མེ་ཏོག་རྣ

  • མ་ཎི་རྡོ་འབུམ།

    མ་ཎི་རྡོ་འབུམ་ནི་སྔར་བོད་མི་རིགས་ཀྱི་རྡོ་ཕུང་ཟེར་ཞིང་རི་དྭགས་རྔོན

  • ར་ཐིག་དགོན།

    ར་ཐིག་དགོན་ནི་སྤྱི་ལོ1364ལོར་བཞེངས་བ་དང་། ད་ལྟའི་བར་དུ་ལོ་ངོ600ལྷག་ག

སྦྲ་གུར་གྲོང་། རྟ་ར།
2018-01-18 22:04:13   དྲ་ཐོག་ ནས་ ལྟ་ ཚད་:

སྦྲ་གུར་གྲོང་ནི་མཚོ་ངོས་ལས་མཐོ་ཚད་སྨི4050ཡིན། སྦྲ་གུར་ནི་བོད་རིགས་འ


སྦྲ་གུར་གྲོང་ནི་མཚོ་ངོས་ལས་མཐོ་ཚད་སྨི4050ཡིན། སྦྲ་གུར་ནི་བོད་རིགས་འབྲོག་པའི་སྲོལ་རྒྱུན་གྱི་སྡོད་གནས་ཡིན་ལ། བོད་རིགས་འབྲོག་པའི་རིག་གནས་ལ་ཞིབ་འཇུག་བྱ་རྒྱུའི་འགྱུར་རྡོ་གསོན་པོ་ཞིག་ཡིན། ཚེ་ཚེ་རབས་རབས་ལ་མཐོ་སྒང་འདིར་འཚོ་སྡོད་བྱེད་པའི་བོད་མི་རིགས་ཀྱི་དུས་ཡུན་རིང་པོར་འཇིག་རྟེན་ལ་འཚོལ་ཞིབ་བྱས་པའི་བསམ་བློ་དང་བློ་གྲོས་ཀྱི་ཡིག་འབྲུ་དེ་དག་སྦྲ་ནག་སྟེང་ཕབ་ཡོད། སྦྲ་ནག་དེས་བོད་མི་རིགས་ཀྱི་འཚོ་བ་དང་འགྲོ་འདུག་གི་ཁྱད་ཆོས་མཚོན་པ་མ་ཟད་བོད་རིགས་འབྲོག་མི་དང་རང་བྱུང་ཁམས་གཉིས་འཆམ་མཐུན་ངང་གཞི་གཅིག་ཏུ་འདྲེས་པའི་བསམ་བློ་འདུ་ཤེས་དང་རིག་གནས་ཀྱི་འདུ་ཤེས་ཀྱང་མཚོན་བཞིན་ཡོད། དར་མདོ་འབྲོག་རའི་་སྦྲ་ནག་ནི་ཁྱེད་ཀྱིས་བོད་རིགས་དམངས་སྲོལ་རིག་གནས་ཉམས་ལེན་དང་། རིག་གནས་འདུ་ཤེས་ལ་འཚོལ་ཞིབ་བྱེད་པ། བསམ་གཞིགས་བྱེད་སྟངས་དང་མཛེས་དཔྱོད་ལ་རྒྱུས་ལོན་བྱ་རྒྱུའི་སྒེའུ་ཁུང་ལྟ་བུ་ཞིག་ཡིན། ཁྱེད་ཀྱིས་སྦྲ་ནག་ནང་ནས་བོད་རིགས་ས་ཁུལ་གྱི་མི་ཉག་པ་ཚོའི་ཐོན་སྐྱེད་དང་འཚོ་བ། ཆོས་ལུགས་དང་རིག་གནས་སོགས་ཕྱོགས་མང་པོའི་ཐད་མའི་སྒྲིག་ཆས་ལ་གཟིགས་ཆོག་ལ། བོད་ཀྱི་ཁྱད་ཆོས་དོད་པའི་གླུ་གར་འཁྲབ་སྟོན་ལའང་ཉམས་སུ་མྱོང་ཆོག དེ་མིན་འཚོ་བཅུད་ཕུན་སུམ་ཚོགས་པའི་བོད་ཟས་ཀྱི་་བྲོ་བ་ཞིམ་པོའང་མྱོང་ཆོག སྦྲ་ནག་ཕྱི་རོལ་གྱི་རྟ་རྒྱུག་ཐང་དུ། ཕོ་རྩལ་སྣ་དགུ་འཛོམས་པའི་དཔའ་རྒོད་དག་གིས་ཁྱེད་ལ་ངོ་མཚར་བའི་རྟ་རྩལ་དང་སྲོལ་རྒྱུན་རྟ་རྒྱུག་གི་རྩེད་མོ་རྣམ་པ་ཅི་རིགས་འཁྲབ་ཆོག གལ་ཏེ་ཁྱོད་ལ་སྤྲོ་བ་ཡོད་ན་རྟ་མཆོག་ཅིག་ལ་བཞོན་ནས་རྟ་ཐོག་གི་མི་རིགས་འདིའི་བློ་སྤོབས་ལའང་ཚོད་ལྟ་ཐེངས་ཤིག་བྱེད་ཆོག་གོ །

མཉམ་སྤྱོད་:

གོང་ གི་:གངས་ལྗོངས་ཀྱི་འབྲོག་ར།
འོག་མ་ དེ་:དར་ལྕོག་གིས་བཟོས་བའི་སངས་ར

CopyRight © 2017 muyajingqu All Rights Reserved. Design by:至上互动