
དར་ལྕོག་གི་སངས་རྒྱས་་སྐུ་བརྙན་ནི་དར་ལྕོག་ཁྲི་4ལྷག་བཙུགས་ཏེ་གྲུབ་ཞིག་ཡིན། མཐོ་ལ་ཚད་སྨི200དང་ཞེང་ལ་སྨི་150ཡོད། འདི་ནི་འཛམ་གླིང་ཐོག་དར་ལྕོག་བཙུགས་ནས་གྲུབ་པའི་ཤཱཀྱ་མུ་ནེ་སྐུ་བརྙན་བཞེངས་བ་གཅིག་པུ་ཡིན། ཤཱཀྱ་ཐུབ་པ(སྤྱི་ལོ་སྔོན་གྱི་565 — 486 ) དང་ནང་པའི་ཆོས་ལུགས་ཀྱི་མཛད་པ་པོ་ཡིན་ལ། ཐོག་མའི་མཚན་ལ་གོའུ་ཏ་མ་དང་། སྤྱི་ ལོ་སྔོན་གྱི་565ལོའི་ཟླ4ཚེས8ཉིན་གནའ་བོའི་རྒྱ་གར་གྱི་ཕི་ལོའི་རྒྱལ་ཁབ་བྱ་བའི་ལུམ་བིའི་ཚལ(ད་ལྟའི་བལ་ཡུལ་ལྷོ་ཕྱོགས་ཀྱི་ཐི་རོ་བྱ་བ)དུ་སྐུ་འཁྲུངས། དར་ལྕོག་གིས་སྐུ་འདྲ་བཟོ་དོན་ནི་སངས་རྒྱས་བཅོམ་ལྡན་འདས་རྟག་ཏུ་གནས་འདིར་བཞུགས་ཏེ་བཀའ་ཆོས་གསུང་བའི་རྟེན་འབྲེལ་མཚོན་པ་ཡིན་ལ། འདིས་མི་ཉག་གྱི་ཡུལ་གྲུ་འདིའི་དད་ལྡན་པ་དག་ལ་མགོན་སྐྱབས་བྱེད་བཞིན་པ་དང་། ཡུལ་འདིར་རྩྭ་ཆུ་འཛོམས་ཤིང་བདེ་སྐྱིད་ལྡན་པ། མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ་མེད་པ། སྒོས་སུ་མ་གྱུར་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་གྲོལ་ཏེ་ཞི་བདེ་ལོངས་སྤྱོད་ཀྱི་དཔལ་ལ་རོལ་བའི་བཀྲ་ཤིས་སྨོན་འདུན་ཞུ་བཞིན་ཡོད་དོ། །
གོ་ཐོས་སུ་དད་པ་རྩེ་གཅིག་གིས་སྐུ་བརྙན་འདིའི་མདུན་ནས་སྨོན་ལམ་བཏབ་ན་རང་གི་འགྲོ་དོན་ཐམས་ཅད་ལྷུན་གྱིས་གྲུབ་ཐུབ་པར་ཐེ་ཚོམ་མེད་ལ། བགགས་དང་བར་ཆད་སེལ་ཞིང་བཀྲ་ཤིས་ཁ་བྲོ་ཡོང་བ་ཡིན་ཟེར་རོ། །