
འོ་མའི་ཆུའི་ལྗོངས་གཟིགས་སྟེགས་བུ་གཤམ་དུ་བལྟས་ན། ཆུ་བོ་ཀྱག་ཀྱོག་ཅན་ཞིག་ཡོད་པ་དེནི་འོ་མའི་ཆུ་ཡིན། ཆུ་བོ་འདིའི་བཞུར་ཁུལ་ཐམས་ཅད་ལ་རྩྭ་ཆུ་ཕུན་སུམ་ཚོགས་ལ་ནོར་ལུག་རྣམས་ཤ་ཤེད་རྒྱས་པས། གནག་ཕྱུགས་ཀྱི་་འོ་མ་མང་ལ་ཡང་ཞིམ་པོ་མངར་མོ་ཤ་སྟག་ཡིན་པས། ས་གནས་དེ་གའི་ཡུལ་མིའི་འཐུང་ཆུའི་འབྱུང་ཁུངས་ཀྱང་དེ་འོ་མ་ལ་གཏུགས་པས་མིང་དེ་ལྟར་བཏགས་པ་ཡིན།