ཡུལ་ལྗོངས་ ངོ་སྤྲོད་ ཀྱི་
  • ཧི་མ་ཡ་ལ་ཡའི་འཕྱི་བ།

    ཧི་མ་ཡ་ལ་ཡའི་འཕྱི་བ། རིག་གཞུང་གི་མིང་ལ Marmota himalayana ཟེར། མིང་གཞན་ལ་

  • མེ་ཏོག་གི་རྒྱ་མཚོ།

    མེ་ཏོག་གི་རྒྱ་མཚོ་ནི་མཛེས་ལྗོངས་ས་ཁུལ་ནའདིའི་རྩི་ཤིང་དང་མེ་ཏོག་རྣ

  • མ་ཎི་རྡོ་འབུམ།

    མ་ཎི་རྡོ་འབུམ་ནི་སྔར་བོད་མི་རིགས་ཀྱི་རྡོ་ཕུང་ཟེར་ཞིང་རི་དྭགས་རྔོན

  • ར་ཐིག་དགོན།

    ར་ཐིག་དགོན་ནི་སྤྱི་ལོ1364ལོར་བཞེངས་བ་དང་། ད་ལྟའི་བར་དུ་ལོ་ངོ600ལྷག་ག

མེ་ལོང་ལྗོངས་གཟིགས་ལྟ་བུའི
2018-01-18 22:07:39   དྲ་ཐོག་ ནས་ ལྟ་ ཚད་:

དགའ་གྲོགས་མཚོ་ནི་ང་ཚོའི་མི་ཉག་ཀོང་ཇོ་དེ་ནི་སྐྱེ་འབྲས་ལེགས་ཤིང་རིག

དགའ་གྲོགས་མཚོ་ནི་ང་ཚོའི་མི་ཉག་ཀོང་ཇོ་དེ་ནི་སྐྱེ་འབྲས་ལེགས་ཤིང་རིག་པ་བཀྲ་བ་དང་། སྤྱོད་ཡོན་གཉིས་ལྡན་གྱི་མཛངས་མ་དཔེ་མེད་ཅིག་ཡིན་ཕྱིན། རྒྱལ་ཁབ་ཁག་གི་ཕོ་ཉ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་གཉེན་སློང་དུ་ཡོང་བ་ཡིན་ཞིང་། བོད་རྒྱལ་སྲོང་བཙན་སྒམ་པོའང་མཛངས་མ་དེའི་མཚན་སྙན་གསན་རྗེས་གཉེན་སློང་བའི་གྲས་སུ་ཞུགས་པ་ཡིན། མི་ཉག་གི་ཀོང་ཇོ་དང་རང་གི་ཡབ་ཆེན་གཉིས་ཀྱིས་གཉེན་སྟོན་འདིའི་དོན་ལ་ཐུགས་ཁུར་ཚད་མེད་བྱེད་ཅིང་སེམས་སྡུག་གི་མནར་ཟབ་མོ་དུ་ལྷུང་ཡོད་སྐབས།  ཉིན་ཞིག་ཀོང་ཇོ་དགའ་གྲོགས་མཚོ་ཁར་ཕེབས་ནས་ཐོག་མར་རང་ཉིད་ཀྱི་བསམ་དོན་ཡོངས་རྫོགས་མཚོ་ལ་བཤད་པས། མཚོ་མོའི་བྱིན་རླབས་ཀྱིས་ཀོང་ཇོ་ལ་ཐོལ་གྱིས་རྟོག་པ་སད་དེ་ཕྱིར་ཡུལ་ལ་ལོག་རྗེས།རང་ཉིད་ཀྱི་རེ་བ་ཡབ་རྒྱལ་བོ་ལ་ཞུས་རྗེས། གཉེན་སློང་བ་མཁན་རྣམས་ལ་བླངས་བྱ་ཞིག་བཏོན་པ་སྟེ། ཀོང་ཇོ་འཁྲུས་ལ་རོལ་སའི་ས་ཆ་ཞིག་ན་མཚོ་ཞིག་ཡོད། ཁྱེད་ཚོ་སུ་ཞིག་གིས་ཡུལ་ལྷ་གཞི་བདག་ལ་མཆོད་བཀུར་བྱེད་དེ་མཚོ་དེ་ཆ་གཉིས་སུ་དགར་ཐུབ་ན་དེ་ལ་ཀོང་ཇོ་སྟེར་རྩིས་ཡིན་ཞེས་བསྒྲགས་སོ། ། གཉེན་སློང་མཁན་དག་གིས་རིམ་པ་ལྟར་མཆོད་བསྟོད་རྒྱ་ཆེན་པོ་བྱས་ཀྱང་་མཚོ་དེ་ལ་འགྱུར་ལྡོག་སྤུ་ཙམ་ཡང་མ་བྱུང་། མཐར་སྲོང་བཙན་སྒམ་པོའི་སྐབས་ལ་སླེབས་སྐབས། འབྲུག་སྐད་དང་ཐོག་ཆར་དུས་གཅིག་ཏུ་བབས་པས་མཚོ་དཀྱིལ་ནས་གློག་དམར་འཁྱུག་པ་དང་མཉམ་དུ་དུམ་བུ་གཉིས་སུ་དགར་ཐུབ་པ་བྱུང་། རྒྱལ་པོ་རྣམ་པ་འདི་མཐོང་ནས་འདི་གནམ་གྱི་བཀོད་སྒྲིག་ཡིན་པར་ཁས་བླངས་ནས་དགའ་བ་ཆེན་པོ་སྐྱེས། ཉིན་གཉིས་པར་དགའ་སྤྲོ གཟབ་རྒྱས་ངང་ནས་སློང་ཆང་མཛད་སྒོ་སྤེལ། སྲོང་བཙན་སྒམ་པོ་དང་མི་ཉག་ཀོང་ཇོའི་ངོ་མཚར་ཆེ་བའི་བརྩེ་དུང་གི་གཏམ་རྒྱུད་འདི་བརྒྱུད་དེ་ས་འདིའི་མེས་པོརྣམས་ཀྱི་མཚོ་འདིའི་མིང་ལ་དགའ་གྲོགས་མཚོ་ཞེས་བཏགས། མི་རབས་ནས་མི་རབས་བར་དུ་མི་ཉག་པ་དག་གིས་མཚོ་འདི་ལ་མཇལ་ཏེ་རང་ཉིད་ཀྱི་བརྩེ་དུང་རྟག་བརྟན་ཡོང་བ་དང་། གཉེན་དོན་ལ་བདེ་སྐྱིད་ལྡན་པ། བུ་རབས་ཚ་རྒྱུད་འཕེལ་བའི་ཡོང་བཀྲ་ཤིས་སྨོན་ལམ་འདེབས་བཞིན་ཡོད། གལ་ཏེ་མི་ཉག་ནས་མཚོ་སྐོར་མ་བྱེད་ན་པེ་ཅིན་དུ་སླེབས་རྗེས་ལྕགས་རི་རིང་པོ་མི་འགྲོ་བ་དང་ཁྱད་མེད་པས།  གཤམ་ནས་ཚང་མ་མཚོ་སྐོར་ལ་འགྲོ་བའི་དུས་ཚོད་འདང་ངེས་ཤིག་སྤྲོད་ཆོག་པས། རང་གི་དགའ་རོགས་དང་བཟའ་ཚང་སོགས་ཡིད་ལ་བཟུང་ནས་སྨོན་ལམ་འདེབས་རོགས་ཞུ། 

མཉམ་སྤྱོད་:

གོང་ གི་:འོ་མའི་ཆུ།
འོག་མ་ དེ་:མ་ཎི་འཁོར་ལོ།

CopyRight © 2017 muyajingqu All Rights Reserved. Design by:至上互动