ཡུལ་ལྗོངས་ ངོ་སྤྲོད་ ཀྱི་
  • ཧི་མ་ཡ་ལ་ཡའི་འཕྱི་བ།

    ཧི་མ་ཡ་ལ་ཡའི་འཕྱི་བ། རིག་གཞུང་གི་མིང་ལ Marmota himalayana ཟེར། མིང་གཞན་ལ་

  • མེ་ཏོག་གི་རྒྱ་མཚོ།

    མེ་ཏོག་གི་རྒྱ་མཚོ་ནི་མཛེས་ལྗོངས་ས་ཁུལ་ནའདིའི་རྩི་ཤིང་དང་མེ་ཏོག་རྣ

  • མ་ཎི་རྡོ་འབུམ།

    མ་ཎི་རྡོ་འབུམ་ནི་སྔར་བོད་མི་རིགས་ཀྱི་རྡོ་ཕུང་ཟེར་ཞིང་རི་དྭགས་རྔོན

  • ར་ཐིག་དགོན།

    ར་ཐིག་དགོན་ནི་སྤྱི་ལོ1364ལོར་བཞེངས་བ་དང་། ད་ལྟའི་བར་དུ་ལོ་ངོ600ལྷག་ག

མ་ཎི་འཁོར་ལོ།
2018-01-18 22:09:14   དྲ་ཐོག་ ནས་ ལྟ་ ཚད་:

མ་ཎི་འཁོར་ལོ་ཡང་ཟེར་། དེ་ནི་གཟུངས་སྔགས་མ་ཎི་ཡིག་དྲུག་དང་ཟུང་དུ་འབ

མ་ཎི་འཁོར་ལོ་ཡང་ཟེར་། དེ་ནི་གཟུངས་སྔགས་མ་ཎི་ཡིག་དྲུག་དང་ཟུང་དུ་འབྲེལ་ཡོདཔ་ཞིག་ཡིན་ལ། ནང་བསྟན་པས་བཤད་ཚུལ་ལྟར་ན་སུ་ཞིག་གིས་མ་ཎི་འདོན་པ་མང་ན། དེ་ནང་ཆོས་ལ་དད་པ་ཟབ་མོ་ཡོད་པ་མཚོན་ཞིང་། འཁོར་བའི་དཀའ་སྡུག་ཚད་མེད་ཀྱང་སེལ་ཐུབ་པ་ཡིན། དེར་བརྟེན་མི་རྣམས་ཀྱིས་ངག་གིས་མ་ཎི་འདོན་པ་མ་ཟད། ད་དུང་མ་ཎི་འཁོར་ལོ་བཟོ་བ་སྟེ། གཟུངས་སྔགས་ཡི་གེ་དྲུག་མ་ཤོལ་དྲིལ་སྟེང་ལ་བྲིས་རྗེས་འཁོར་སྒམ་ནང་བཞག་ཏེ་ལག་པས་སྐོར་བཞིན་ཡོད། འཁོར་ལོ་སྐོར་ཐེངས་རེ་ལ་གཟུངས་སྔགས་འདོན་པ་བརྒྱ་འགྱུར་སྟོང་འགྱུར་གྱི་ཕན་ཡོན་འཕེལ་བར་གསུང་། གདུང་འདེགས་འཕྲང་ལམ་འདིར་མ་ཎི་འཁོར་ལོ་ཁྱོན་བསྡོམས365ཡོད་པ་དང་། དེ་ནི་སྲོང་བཙན་སྒམ་པོ་དང་མི་ཉག་ཀོང་ཇོའི་་བརྩེ་དུང་ནི་དྲན་གསོ་ཞུ་ཆེད་དུ་བཞེངས་བར་གྲགས་ལ། མི་ཉག་ཀོང་ཇོ་དང་སྲོང་བཙན་སྒམ་པོ་གཉིས་ཉིན་365ནང་དུ་ངོ་ཤེས་ནས་དགའ་རོགས་སུ་གྱུར་བ་ཡིན་པས། ཕྱིས་སུ་མི་རྣམས་ཀྱིས་མ་ཎི་འཁོར་ལོ365བཞེངས་ཏེ་མེས་པོ་ཚོའི་ལྷད་མེད་རླབས་ཆེན་གྱི་བརྩེ་དུང་ལ་རྗེས་དྲན་བྱེད་པ་ཡིན། ང་ཚོ་ས་ཆའི་མི་རྣམས་ཀྱིས་འཁོར་ལོ་འདི་སྐོར་བ་དང་ཁྱིམ་ཚང་བདེ་སྐྱིད་ཡོང་བར་སྨོན་ལམ་རྒྱག་གི་ཡོད།

མཉམ་སྤྱོད་:

གོང་ གི་:མེ་ལོང་ལྗོངས་གཟིགས་ལྟ་བུའི
འོག་མ་ དེ་:ར་ཐིག་དགོན།

CopyRight © 2017 muyajingqu All Rights Reserved. Design by:至上互动