
ར་ཐིག་དགོན་ནི་སྤྱི་ལོ1364ལོར་བཞེངས་བ་དང་། ད་ལྟའི་བར་དུ་ལོ་ངོ600ལྷག་གི་ལོ་རྒྱུས་ཡོད་། དགོན་འདི་ནི་དེ་སྔོན་ཀརྨ་སྐུ་ཕྲེང་བཞི་བ་དང་། ཀརྨ་སྐུ་ཕྲེང་དྲུག་དང་། སྐུ་ཕྲེང་བདུན་པས་འཕགས་པ་སྔ་རྗེས་སུ་གནས་འདིར་ཕེབས་ཏེ་ཀརྨ་ཆོས་བརྒྱུད་གྲུབ་མཐའ་རྒྱུན་འཛིན་བྱེད་དེ་ལོ་ངོ300ལྷག་འདས། རྗེས་རྒྱུ་རྐྱེན་སྣ་མང་གི་དབང་གིས་དགོན་པ་གཏོར་བཤིགས་ཐེབས་ཏེ་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ། རྡར་ཆེན་ཉི་མ་གྲགས་པའི་ཡང་སྲིད་ཀྱིས་་སླར་གསོ་བྱེད་དེ། རྙིང་མའི་གྲུབ་མཐའ་གི་ཉིང་བཅུད་རྒྱུན་འཛིན་བྱེད་མགོ་བརྩམས་། དགོན་པར་ས་གནས་དེ་གའི་མི་སེར་ཚོས་དད་གུས་ཆེན་པོ་ཞུ་བཞིན་ཡོད་པ་དང་། ཉིན་རེར་རྒྱུན་ཆད་མེད་པར་མཆོད་མེ་དང་ཆོས་ཀྱི་སྒྲ་དབྱངས་ཟམ་མེད་དུ་སྒྲོག་བཞིན་ཡོད།