ཡུལ་ལྗོངས་ ངོ་སྤྲོད་ ཀྱི་
  • ཧི་མ་ཡ་ལ་ཡའི་འཕྱི་བ།

    ཧི་མ་ཡ་ལ་ཡའི་འཕྱི་བ། རིག་གཞུང་གི་མིང་ལ Marmota himalayana ཟེར། མིང་གཞན་ལ་

  • མེ་ཏོག་གི་རྒྱ་མཚོ།

    མེ་ཏོག་གི་རྒྱ་མཚོ་ནི་མཛེས་ལྗོངས་ས་ཁུལ་ནའདིའི་རྩི་ཤིང་དང་མེ་ཏོག་རྣ

  • མ་ཎི་རྡོ་འབུམ།

    མ་ཎི་རྡོ་འབུམ་ནི་སྔར་བོད་མི་རིགས་ཀྱི་རྡོ་ཕུང་ཟེར་ཞིང་རི་དྭགས་རྔོན

  • ར་ཐིག་དགོན།

    ར་ཐིག་དགོན་ནི་སྤྱི་ལོ1364ལོར་བཞེངས་བ་དང་། ད་ལྟའི་བར་དུ་ལོ་ངོ600ལྷག་ག

མ་ཎི་རྡོ་འབུམ།
2018-01-18 22:10:46   དྲ་ཐོག་ ནས་ ལྟ་ ཚད་:

མ་ཎི་རྡོ་འབུམ་ནི་སྔར་བོད་མི་རིགས་ཀྱི་རྡོ་ཕུང་ཟེར་ཞིང་རི་དྭགས་རྔོན

མ་ཎི་རྡོ་འབུམ་ནི་སྔར་བོད་མི་རིགས་ཀྱི་རྡོ་ཕུང་ཟེར་ཞིང་རི་དྭགས་རྔོན་བྱེད་པའི་ལག་ཆ་ཞིག་ཏུ་བཟུང་ནས་། འགོག་སྲུང་གི་འཛིང་རགས་དང་ལྷ་དང་མི་དཀྱུས་མའི་ལམ་རྟགས་སུ་ངོས་འཛིན་ཞིང་།  སྤྱིར་བཤད་ན་། མ་ནི་རྡོ་འབུམ་གོ་དོན་་གཉིས་ཡོད་དེ། གཅིག་ནི་ཞི་བདེ་ཡོང་བའི་སྨོན་ལམ་འདེབས་པ་དང་གཏོ་བཅོས་བ།  གཉིས་ནི་མི་རྣམས་ཀྱི་་ཕྱག་འཚལ་ས་དང་། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་བསམ་བློ་དང་བྱ་སྤྱོད་ལེགས་བཅོས་གཏོང་ཐུབ་པ། བོད་རིགས་དད་ལྡན་པ་རྣམས་ཀྱིས་རྒྱུན་འཁྱོངས་ལྷོད་མེད་བཅས་བྱས་ཏེ་ཉིན་མཚན་ཀུན་ཏུ་མ་ཎི་ཡིག་དྲུག་་རྡོའི་ཐོག་ཏུ་བརྐོས་ཏེ། རྡོ་འདི་དག་ལ་རང་བྱུང་ཁམས་ལས་འདས་པའི་བྱིན་རླབས་ཡ་མཚན་ཅན་ཡོད་པར་འདོད་ཡོད།  དེས་ཁོང་ཚོར་ནམ་ཡང་བཀྲ་ཤིས་ཁ་བྲོ་ཡི་ལས་དབང་སྩོལ་བཞིན་ཡོད།  ལྷ་སྒྲུང་གཏམ་རྒྱུད་ཁྲོད་དུ་ཡང་། ཉག་ག་དང་སྡེ་བའི་་ཆུ་མགོ་སོགས་སུ་འདྲེ་སྲིན་འདུས་ཡོད་པ་དང་དེ་རུ་རྡོ་ཕུང་སྤུང་བའི་བཤད་ཚུལ་ལ་རྣམ་པ་འགའ་ཡོད་དེ། གཅིག་ནི་འདྲེ་གནོན་བྱེད་ཀྱི་རྡོ་དང་། གཉིས་ནི་རྡོ་སྤུང་སྟེ་ས་གནས་ཀྱི་སྲུང་སྐྱོབ་བྱེད་ནུས་པས་ཚོགས་གསོག་གི་གྲས་སུ་འགྲོ་བ། རྡོ་ཡི་མཆོད་རྟེན་དང་འདྲ་བའི་་འོག་ཏུ་སྦས་པའི་པའི་དངོས་པོ་གང་ཞིག་ཕྱི་ལ་ཤོར་བར་སྔོན་འགོག་བྱེད་པ་སོགས་ཀྱི་ནུས་པ་ལྡན་པ། ངག་རྒྱུན་དུ་མི་ཕྱུགས་གང་རུང་ཞིག་ཉག་ག་བརྒྱུད་སྐབས་འགྲོ་མཚམས་འཇོག་མི་རུང་བས་ནད་འགོ་ཉེན་ཡོད་པའི་བཤད་ཚུལ་ཡོད། བོད་རིགས་ཕོ་མོ་རྒན་གཞོན་སུ་ཡིན་ཡང་རྐང་ཐང་ངམ་ཡང་ན་རྟ་ཞོན་ནས་མཎི་རྡོ་འབུམ་བརྒྱུད་ནས་འགྲོ་སྐབས། རྟ་ལས་བབས་ཏེ་ཞྭ་མོ་ཕུད་ནས་གསོལ་བ་འདེབས་ཞོར་རྡོ་ཆུང་ཆུང་ཁ་སྣོན་བྱ་སྲིད་པ་དང་། མ་ཎི་ཡིག་དྲུག་འདོན་བཞིན་གཡས་སྐོར་བྱ་ངེས།

མཉམ་སྤྱོད་:

གོང་ གི་:ར་ཐིག་དགོན།
འོག་མ་ དེ་:མེ་ཏོག་གི་རྒྱ་མཚོ།

CopyRight © 2017 muyajingqu All Rights Reserved. Design by:至上互动