ཡུལ་ལྗོངས་ ངོ་སྤྲོད་ ཀྱི་
  • ཧི་མ་ཡ་ལ་ཡའི་འཕྱི་བ།

    ཧི་མ་ཡ་ལ་ཡའི་འཕྱི་བ། རིག་གཞུང་གི་མིང་ལ Marmota himalayana ཟེར། མིང་གཞན་ལ་

  • མེ་ཏོག་གི་རྒྱ་མཚོ།

    མེ་ཏོག་གི་རྒྱ་མཚོ་ནི་མཛེས་ལྗོངས་ས་ཁུལ་ནའདིའི་རྩི་ཤིང་དང་མེ་ཏོག་རྣ

  • མ་ཎི་རྡོ་འབུམ།

    མ་ཎི་རྡོ་འབུམ་ནི་སྔར་བོད་མི་རིགས་ཀྱི་རྡོ་ཕུང་ཟེར་ཞིང་རི་དྭགས་རྔོན

  • ར་ཐིག་དགོན།

    ར་ཐིག་དགོན་ནི་སྤྱི་ལོ1364ལོར་བཞེངས་བ་དང་། ད་ལྟའི་བར་དུ་ལོ་ངོ600ལྷག་ག


གནས་མཆོག་མི་ཉག་ནི་འཛམ་གླིང་དུ་སྐད་གྲགས་ཆོད་པའི་དར་མདོའི་མཛའ་གཞས་ཀྱི་ཕ་ཡུལ་ཏེ་དར་མདོའི་རྒྱུ་ལ་རི་བོའི་ནུབ་ན་ཡོད། དེ་ནི་དཀར་མཛེས་ཁུལ་གྱི་དམངས་སྲོལ་གོམས་གཤིས་དང་རང་བྱུང་མཛེས་འགྱུར་ཟུང་དུ་འབྲེལ་བའི་ཡུལ་སྐོར་མཛེས་ལྗོངས་ཀྱི་ཁུལ་ཞིག་ཡིན་ལ། རྒྱལ་ཡོངས་སུ་བོད་ཀྱི་མི་ཉག་རིག་གནས་བརྗོད་དོན་བྱས་པའི་ཆེད་དམིགས་ཡུལ་སྐོར་ཁུལ་གཅིག་པུ་ཡིན། ཡུལ་སྐོར་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ196 ཡོད་པ་དང་། གངས་རི་དང་རྩྭ་ཐང་། མེ་ཏོག་དང་མཚོ་མོ། ཆུ་བོ་དང་མཚེའུ་སོགས་མི་ཉག་བོད་རིགས་དམངས་སྲོལ་རིག་གནས་ཀྱི་སྣ་འཛོམས་ཡུལ་སྐོར་ས་ཁུལ་ཞིག་ཡིན། ཡུལ་སྐོར་གྱི་ལྟེ་བའི་ཁུལ་གྱི་ཁྱབ་ཁོངས་སྤྱི་ལེ་གྲུ་བཞི་མ100 ཙམ་ཡོད། ལྷོ་བྱང་གི་གཞུང་དུ་སྤྱི་ལེ31 དང་། ཤར་ནུབ་ཀྱི་བར་ཐག་ལ་སྤྱི་ལེ་4.5 ཡོད། ཡུལ་སྐོར་ས་ཁུལ་གྱི་མཚོ་ངོས་མཐོ་ཚད་ནི་སྨི་3600ནས་4400 ཙམ་ཡོད།
 
གནས་མཆོག་མི་ཉག་ནི་དར་མདོའི་རྒྱུ་ལ་རི་བོའི་ནུབ་ན་ཡོད། དེ་ནི་དམངས་སྲོལ་གོམས་གཤིས་དང་རང་བྱུང་མཛེས་འགྱུར་ཟུང་དུ་འབྲེལ་བའི་ཡུལ་སྐོར་མཛེས་ལྗོངས་ཀྱི་ཁུལ་ཞིག་ཡིན་ལ། བོད་ཀྱི་མི་ཉག་རིག་གནས་བརྗོད་དོན་བྱས་པའི་ཆེད་དམིགས་ཡུལ་སྐོར་ཁུལ་ཞིག་ཡིན།  གནས་འདིར་གངས་རི་དང་རྩྭ་ཐང་། མེ་ཏོག་དང་མཚོ་མོ། ཆུ་བོ་དང་མཚེའུ་སོགས་མི་ཉག་བོད་རིགས་དམངས་སྲོལ་རིག་གནས་ཀྱི་སྣ་འཛོམས་ཡུལ་སྐོར་ས་ཁུལ་ཞིག་ཡིན་ལ། སྡོམ་པས་ཡུལ་སྐོར་ས་གནས་གཙོ་བོ5ཙམ་ཡོད་ལ། མཛེས་ལྗོངས་ཁུལ་གཙོ་བོ་དང་། མེ་ཏོག་རྒྱ་མཚོའི་བཞུད་ལམ་ནི་དེ་སྔོན་མི་ཉག་ཀོང་ཇོའི་རྩེད་ར་ཡིན་ལ། ཡུལ་སྐོར་ས་གནས་ཀུན་ལས་ཆེས་མཚར་ཉམས་ཆེ་བ་དེ་ཡིན།  ཚངས་བའི་བདེ་སྦྱིན་ནི་མི་ཉག་ས་ཆའི་སྐད་གྲགས་ཆོད་པའི་བོད་རྒྱུད་ནང་བསྟན་གྱི་དགོན་པ་ཞིག་ཡིན། ཡུལ་ལྗོངས་མཛེས་ཤིང་སྡུག་ལ་ལྷ་ཡུལ་གྱི་འབྲོག་གླུ་ནི་མི་ཉག་རྒྱལ་ཁབ་ཆེན་མོའི་སྲོལ་རྒྱུན་གྱི་དགུན་དུས་ཕྱུགས་རིགས་འཚོ་ཡུལ་དང་། གནས་འདིར་ཕྱུགས་རྩྭ་ཕུན་སུམ་ཚོགས་པོ་ཡོད། སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་མི་ཉག་ནི་རྒྱལ་ཡོངས་སུ་དར་ལྕོག་གཅིག་པུ་བཀོལ་ཏེ་བཟོས་པའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་གཅིག་པུ་དེ་ཡིན། རི་བོའི་ལྕགས་རི་ནི་རི་ཚོགས་ཀྱིས་མི་ཉག་རྒྱལ་ཁབ་ཡུག་གཅིག་ཏུ་སྲུང་བ་དེ་ཡིན་ནོ། །

མི་ཉག་ནི་རང་རྒྱལ་ནུབ་རྒྱུད་ཀྱི་གནའ་བོའི་ཆའང་རིགས་ལ་གཏོགས་ཤིང་། རིགས་རྒྱུད་འདིས་གནའ་སྔ་མོར་རང་རྒྱལ་གྱི་བྱང་རྒྱུད་དུ་མིང་དུ་གྲགས་པའི་གནའ་བོའི་མི་ཉག་རྒྱལ་ཁབ་བཙུགས་ཤིང་ཕྱིས་སུ་ལྷོ་ཕྱོགས་སུ་སྤོས་ཏེ་རྒྱལ་མོ་རྔུལ་ཆུའི་ནུབ་རྒྱུད་དུ་སི་ཧུ་རྒྱལ་ཁབ་བཙུགས་ཤིང་དམངས་ཁྲོད་དེ་ལ་མི་ཉག་རྒྱལ་ཁབ་ཞེས་འབོད།  དར་མདོའི་གྲོང་ཁོངས་དང་། ལྷག་པར་དུ་རྒྱུ་ལའི་ནུབ་རྒྱུད་ནི་མི་ཉག་པ་འདུས་སྡོད་་ཀྱིཁུལ་གཙོ་བོ་ཡིན་ལ། རང་རྒྱལ་གྱི་མི་ཉག་རིག་གནས་ཉར་ཚགས་ཡག་ཤོས་ཀྱི་ས་ཁུལ་ཞིག་ཡིན།

གནས་འདི་ནི་གནའ་བོའི་མི་ཉག་རིག་གནས་ཀྱི་འོད་སྟོང་འབར་བའི་གནས་མཆོག་ཞིག་ཡིན་པ་མ་ཟད། བོད་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་བཞི་པ་སྟེ། མི་ཉག་བཟའ་ཡི་ཕ་ཡུལ་ཡང་ཡིན། མིན་རྒྱལ་རབས་དང་ཆིང་སྲིད་གཞུང་བཙུགས་ཚུན་ཁམས་ཕྱོགས་ཀྱི་ཡུལ་དཔོན་གྲགས་ཅན་བཞིའི་གྲས་ཀྱི་ལྕགས་ལ་རྒྱལ་པོ་ནི་སི་ཧུ་རྒྱལ་པོའི་གདུང་རྒྱུད་རེད། བོད་ཁམས་ཡོངས་ལ་སྐད་གྲགས་ཆོད་པའི་མི་ཉག་མཁས་དབང་ལྔ་ནི་ས་གནས་འདི་ལས་འཁྲུངས་པ་ཞིག་ཡིན།

གནས་འདི་ནི་ངོ་མཚར་ཆེ་ཞིང་སྐྱེས་བུ་དམ་པ་མང་པོའི་འཁྲུངས་ཡུལ་ཡང་ཡིན། འདིར་བརྗོད་མི་ཚར་བའི་གཏམ་རྒྱུད་ཡོད་ལ། ངོ་མཚར་བའི་རྣམ་ཐར་ཡང་ཡོད། གནས་འདིའི་དམངས་སྲོལ་ནི་ཡ་རབས་ཚུལ་མཐུན་ཡིན་ལ། གནས་འདིའི་རི་ཆུ་ནི་མཛེས་ཤིང་ཡིད་དུ་འོང་། འདི་ནས་གནའ་བོའི་ཤེས་རིག་འཚོལ་ཐུབ་ལ། མིའི་བློ་ཡུལ་ལས་འདས་པའི་རང་བྱུང་མཛེས་བ་ཉམས་སུ་མྱོང་ཐུབ།

དར་མདོའི་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་ཆེད་དང་། དཀར་མཛེས་ཁུལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་རྒྱུ་དང་། འཛམ་གླིང་ཡུལ་སྐོར་བྱེད་ས་ཡག་ཤོས་སུ་ཚུད་རྒྱུའི་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། དཀར་མཛེས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་འབུར་དུ་ཐོན་རྒྱུ་དང་། དར་མདོའི་གྲོང་ཁྱེར་གྱི་ཡུལ་སྐོར་ཐོན་ཁུངས་ཁྱོན་ཡོངས་ནས་ལེགས་འགྱུར་དང་སྡེབ་སྒྲིག་བྱ་རྒྱ། ཡུལ་སྐོར་ཐོན་ལས་གནད་སྨིན་བྱེད་དེ་དབུལ་སྐྱོར་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ། ཡུལ་སྐོར་ལས་རིགས་དེ་ཉིད་དཀར་མཛེས་ཁུལ་དང་དར་མདོ་གྲོང་ཁྱེར་གྱིས་སྲོག་ཤིང་ཅན་གྱི་ཐོན་ལས་ལ་འཛིན་རྒྱུ། ཚོང་འགུགས་མ་འདྲེན་དང་མངགས་བཅོལ་བརྒྱུད་དར་མདོ་རྫོང་མི་ཉག་རྩེ་ཏོག་ཡུལ་སྐོར་མ་འཇོག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིས་མཛེས་ལྗོངས་ཁུལ་དེ་གསར་སྤེལ་བྱེད་པའོ། །

ཡུལ་སྐོར་མཛེས་ལྗོངས་དེ་སྐྱེ་ཁམས་དང་རིག་གནས། དཔལ་འབྱོར་གསུམ་གྱི་གཙོར་བཟུང་ཞིང་། སྐྱེ་ཁམས་ཀྱིས་རི་ཆུ་ནགས་གསུམ་ལ་ལྟ་སྐོར་བྱེད་དེ་ཁམས་དྭངས་བག་ཕེབས་ ་བྱ་རྒྱུ་གཙོ་བོར་འཛིན་པ་དང་། རིག་གནས་ཀྱིས་དར་མདོའི་གྲོང་ཁྱེར་གྱི་མི་ཉག་རིག་གནས་ཞིབ་འཇུག་དང་འཚོལ་ཞིབ་བྱ་རྒྱུ་གཙོར་འཛིན་པ། དཔལ་འབྱོར་གྱིས་གྲོང་རོང་མཛེས་ལྗོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐུན་མོང་སྒྲིག་གཞི་གཞི་རྟེན་བྱས་པ། མདོར་ན་ཡུལ་སྐོར་གྱིས་རང་བྱུང་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་དང་མི་རིགས་རིག་གནས་ཀྱི་ཡུལ་སྐོར་དང་། ཕྱི་རོལ་གྱི་ལུས་རྩལ་ཡུལ་སྐོར་དང་། ལྗང་མདོག་སྐྱེ་ཁམས་ཀྱི་ཡུལ་སྐོར་སོགས་སྐུལ་འདེད་གཏོང་བའོ། །
CopyRight © 2017 muyajingqu All Rights Reserved. Design by:至上互动